New Prayer Hall Project


Sed Gyued Gaden Phodrang Monastery

(Please also visit our new Facebook page for the Prayer Hall Project)  https://www.facebook.com/PrayerHallProject

Dear friends, fellow devotees and visitors,

In accordance with the prophecies previously made by Je Tsongkapa, Jetsun Sherab Sengge and his main disciple Dulzin Dulnagpa Palden Sangpo founded Sed Gyued Gaden Phodrang Monastery in the year of Water Rat of Seventh Rabjung (1432 A.D). Today, this monastery is one of the most sacred and historic Buddhist monasteries.

Ever since its’ establishment, the monastery carries on the legacy of the Great Je Tsongkapas’ original teachings and the pure Tantric practices. Likewise, it has also provided a strong foundation for Vajrayana teachings, such as the Guhyasamaja, Heruka, and Yamantaka. As the monastery flourished over the years, Jestun Sherab Sengge left for central Tibet and established Lower Tantric College. This way both Upper and Lower Tantric colleges originated from Sed Gyued Gaden Phodrang.

The present abbot, Gen Jampa Chondu Lama, continues to uphold the monastery’s original mission of educating and exercising Je Tsongkapa’s teachings. However, many political and geographical setbacks have affected the current state of the monastery, which is in dire financial need. Amongst many of its problems like the shortage of rooms for the monks, the monastery urgently needs to build a main prayer hall (Tsok-khang).

As a result, Gen Jampa Chondu Lama, on behalf of the entire monastery, humbly requests for your financial support. Your generous donations will help support the monastery in advancing its mission and in building the main prayer hall as an essential offering and homage to our Great Je Tsongkapa.

Sincerely, Sed Gyued Gaden Phodrang Monastery

ན་མོ་གུ་རུ་བཛྲ་དྷ་ར་ཡ།  རྒྱལ་ཀུན་རང་གཟུགས་རྗེ་བཙུན་ཙོང་ཁ་པའི།གསང་མཛོད་འཛིན་པ་ཤེས་རབ་སེངྒེ་དང་།ཟུར་ཕུད་ལྔ་པ་འདུལ་བ་འཛིན་པ་ཅན།།ཡབ་སྲས་རྒྱུད་པའི་ཞབས་ཀྱི་པདྨོར་འདུད།གསང་སྔགས་རིན་ཆེན་སྲད་བུར་ལེགས་རྒྱུས་པའི།།ཆེན་པོ་ལ་འོས་སྙན་རྒྱུད་རྒྱན་གྱི་མཛེས།།བསྟན་འཛིན་མཁས་མང་འདུས་སྡེའི་བསྟི་གནས་ཀྱི།  །འབྱུང་ཚུལ་རྡོ་རྗེའི་མཆེད་ཟླར་སྤེལ་ལ་སྤྲོ།།གང་གླེང་བར་བྱ་བ་ནི།དཔལ་ལྡན་སྲད་རྒྱུད་གྲྭ་ཚང་འདི་ཉིད་ནི་རང་ཅག་རྣམས་ཀྱི་བསྟན་པའི་བདག་པོ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བཀའ་ལུང་བཞིན་གསང་སྔགས་བསྟན་པའི་བདག་པོ་རྗེ་བཙུན་ཤེས་རབ་སེངྒེའི་ཐུགས་སྲས་འདུལ་བ་འཛིན་པ་དཔལ་ལྡན་བཟང་པོ་དཔོན་སློབ་ཟུང་ནས། 

  ཕྱི་ལོ་༡༤༣༢ལོར་ཕྱག་བཏབ་སྟེ་དགའ་ལྡན་ཡིད་དགའ་ཆོས་འཛིན་དང་མི་གཉིས་པའི་དཔལ་ལྡན་སྲད་རྒྱུད་དགའ་ལྡན་ཕོ་བྲང་ཞེས་དབུགས་དབྱུངས་མཚན་གསོལ་གནང་སྟེ་དེ་ནས་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་བར་ཟུང་འཇུག་བརྙེས་པའི་རྒྱུད་ཆེན་གོང་མ་རིམ་པས་སྲད་རྒྱུད་ཁྲིད་ཆེན་བརྒྱད་ལ་སོགས་པའི་བཤད་སྒྲུབ་མི་ཉམས་གོང་འཕེལ་དུ་འཛིན་སྐྱོངས་ཀྱིས་སྔགས་ཀྱི་བསྟན་པའི་མ་ཕྱི་ལྟ་བུར་འགྱུར་པ་དང་འདི་དག་གི་སྐོར་ཞིབ་རྒྱས་ནི་རྫོང་རྩེ་མཆོག་སྤྲུལ་བྱམས་པ་ཐུབ་བསྟན་གྱིས་མཛད་པའི་གསང་ཆེན་བསྟན་པའི་བྱུང་གནས་སྲད་རྒྱུད་དགའ་ལྡན་ཕོ་བྲང་གི་ཆོས་འབྱུང་ངོ་མཚར་དོན་ལྡན་ཞེས་པའི་ནང་གསལ་ལྟར་ཡིན་པས་འདིར་ཚིག་ཚོགས་མི་དགོས་པ་དང་ཕྱི་ལོ་༡༩༥༩ལ་སྐྱབས་བཅོལ་དུ་འབྱོར་ནས་ད་ལྟའི་བར་གྱི་ལོ་རྒྱུས་སྙིང་བསྡུས་ནི།

དེ་ཡང་ཕྱོ་ལོ་༡༩༥༩་ལ་བྲོས་འབྱོལ་དུ་དགེ་འདུན་ཞལ་གྲངས་༤༠་སྐོར་ཀ་སྦུག་དུ་འབྱོར་ཏེ་སྐྱབས་བཅོལ་སྤྱི་མཚུངས་རྒྱ་འགྲམ་དམར་པོའི་སྐྱོབས་གསོ་རོགས་རམ་ཐོབ་ཀྱང་གནས་མལ་སོགས་གང་ཅིར་དཀའ་ངལ་གནས་མུས་ཁར་ལོ་ན་གཞོན་པ་གང་ཚམས་གཞུང་འབྲེལ་ལམ་བཟོ་ལ་བཏང་བས་འཕྲོད་རྣམས་གྲོང་ཆོག་རྒྱུག་སྟེ་འཚོ་བ་འཁྱོལ་ཙམ་གྱི་དེ་མུར་བཞུགས་སྐབས།ཕྱི་ལོ་༡༩༧༩ལོ་སྔ་རྗེས་གཉིས་ནང་རང་ཅག་རྣམས་ཀྱི་འདྲེན་པ་བླ་ན་མ་མཆིས་པ་མཚན་བརྗོད་པར་དཀའ་བ་རྒྱལ་བའི་ཡོངས་འཛིན་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་ཀ་སྦུག་དུ་ཞབས་སོར་འཁོད་སྐབས་བཀའ་སློབ་ཚ་ལྗིད་ལྡན་པ་གནང་བའི་སྙིང་དོན་ནི་ཁྱེད་རང་ཚོ་འདི་མུར་ལྷོད་ཡངས་ལ་བསྡད་ན་མི་འགྲིག་སྲད་རྒྱུད་གྲྭ་ཚང་འདི་གསང་སྔགས་ཀྱི་བསྟི་གནས་སམ་མ་ཕྱི་ཡིན་པའི་ངེས་པར་གྲྭ་རྒྱུན་གསར་འཇུག་སོགས་དང་ཆོ་ག་ཕྱག་བཞེས་མི་ཉམས་རྒྱུན་འཛིན་དགོས་པ་སོགས་བསམ་གྱི་མི་ཁྱབ་པའི་བཀའ་སློབ་དང་ཕྱོགས་མཚུངས་༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་ཆེན་པོ་སོགས་ནས་ཀྱང་བཀའ་ཕེབས་ནས་བཟུང་གྲྭ་རྒྱུན་གང་ཙམ་གསར་བཟོས་ཐོག་༧སྐྱབས་རྗེ་མཆོག་ལ་སྐྲ་ཕུད་ཕུལ་བས་ཧ་ཅང་དགྱེས་བཞེས་ཐོག་སླར་ཡང་བཀའ་སློབ་དང་དགའ་ལྷའི་ཁྲིད་བསྩལ་བ་དང་སྐུ་ངོ་དཔལ་ལྡན་མཆོག་ནས་ཀྱང་བཀའ་སློབ་དང་གསོལ་རས་ཧིན་སྒོར་ལྔ་སྟོང་ཐམ་པ་གནང་བྱུང་དེ་ནས་དང་ཐོག་ཀ་སྦུག་ཏུ་སྡོད་ཤག་ཁ་ཤས་གསར་པ་རྒྱབ་པ་དང་དེའི་འཇུག་ཕྱི་ལོ་༡༩༨༦ལ་བལ་ཡུལ་དུ་ས་ཆ་ཆུང་ཆུང་ཞིག་ཕུལ་མཁན་བྱུང་བར་དེ་ཐོག་ཁང་པ་རེ་ཟུང་བཟོས་ཏེ་ཀ་སྦུག་གི་ཡན་ལག་ལྟ་བུ་ཆགས།སླར་ཡང་ཕྱི་ལོ༡༩༩༦ལོར་ནང་བསྟན་སྤྱི་དང་བྱེ་བྲག་རི་བོ་དགའ་ལྡན་པར་ནག་པོ་སྲིད་བྱུས་རྐྱེན་པས་ཕྲན་ཚོ་ཡང་རེ་ཞིག་ཀ་སྦུག་དང་ཁག་ཁག་ཆགས་པ་རེད།དེར་བརྟེན་འདི་གར་བལ་ཡུལ་དུ་རང་རྐང་ཚུགས་དགོས་ཡིན་དུས་གྲྭ་རྒྱུན་ཙམ་དུ་མ་ཟད་སྡོད་ཁང་སོགས་ཧ་ཅང་མཐུན་རྐྱེན་ཞན་པར་གནས་ཤིང་།འོན་ཀྱང་གྲ་རྒྱས་བསྡུས་ལ་མ་ལྟོས་པར་ཕྱི་ལོ་༡༩༩༧ནས་གཞི་གསུམ་ཆོ་ག་དང་དབྱར་གནས་ཟླ་བ་ཕྱེད་དང་གཉིས་རིང་ལ་སྦྱིན་བདག་ཚེ་རིང་ལྗོངས་ཀྱི་མཐུན་རྐྱེན་སྦྱར་ཏེ་སྔར་གྱི་ཕྱག་བཞེས་གསང་བདེ་འཇིགས་གསུམ་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བ་བདུན་ཕྲག་རེ་ཙམ་དང་གདུགས་དཀར་གཏོར་བཟློག་སྒྲོལ་མ་གཡུལ་མདོས་དཔལ་གསང་བ་འདུས་པའི་རྒྱུད་གཞུང་ལེའུ་བཅུ་བདུན་རྒྱུད་ཕྱི་མ་དང་བཅས་པ་གཞན་ཡང་མགོན་ཆོས་སོགས་རང་བསྟེན་སྲུང་མའི་བསྐང་ཆོག་ཉིན་གྲངས་ངེས་ཅན་སོགས་སྔ་མ་བོད་ལ་ལོ་༡་ནང་གི་མཛད་རིམ་མི་ཉམས་རྒྱུན་འཛིན་དང་ལྷ་བླའི་བཀའ་བཞིན་གསང་བདེ་འཇིགས་གསུམ་གཙོས་པའི་ཆོ་གའི་ཕྱག་དཔེ་ནག་འགྲོས་སུ་བཀོད་པ་སོགས་གང་འཚམས་བྱས་དང་བྱེད་བཞིན་པ་ཡིན་འོན་ཀྱང་འདུ་ཁང་ཐོག་ལྕགས་ཤོག་ཡིན་སྟབས་ཚ་བས་གདུང་བ་དང་རྙིང་རྐྱེན་དབྱར་དུས་ཆར་ཆུ་མི་འཚོ་བ་སོགས་དཀའ་ངལ་མང་དག་ལ་བརྟེན་གཙུག་ལག་གསར་བཞེངས་བྱ་དགོས་པར་བདེ་བར་གཤེགས་པ་མཚན་བརྗོད་པར་དཀའ་བ་དོན་གྱི་མཚན་ནས་སྨོས་ན་སྐྱབས་རྗེ་གྲྭ་སྒོམ་རྡོ་རྗེ་འཆང་ཆེན་པོ་མཆོག་དང་འདུལ་འཛིན་ཆེན་པོ་བསྟེན་གཞིར་ཕེབས་སྐབས་ཀྱང་ཡང་ཡང་བཀའ་ཕེབས་གནང་བྱུང་།མདོར་ན་རི་བོ་དགེ་ལྡན་པའི་སྙན་བརྒྱུད་ཀྱི་བསྟན་པ་ནི་སྲད་དབེན་གཉིས་ཡིན་པ་གང་ལགས་ན་སྲད་རྒྱུད་དགའ་ལྡན་ལྷ་བརྒྱ་མ་ཞེས་ཡོངས་གྲགས་ལྟར་ཡིན་ཅིང་ད་ལམ་ང་ཚོས་ཞུ་དོན་སྙིང་པོ་ནི་བསྟན་པ་སྤྱི་དང་བྱེ་བྲག་ལ་ཐུགས་བརྩེ་ཡོད་རིགས་རྣམས་ལ་མཐུན་འགྱུར་རོགས་རམ་ཡོང་བའི་བཀའ་དྲིན་ཐུགས་ཀྱི་དྲྭ་བར་ཚུད་པ་ཞུ།            

Below is a picture of the current prayer hall. It is very small with a maximum capacity to hold 50 people. We have had to make many costly repairs over the years and each year seems to take more effort for its upkeep.

With a new prayer hall, this will usher in opportunities for growth and the ability to share the precious Dharma with more people.
This new prayer hall will be a gift not only to the community, but to the precious lineage of Dharma well into the future.
                                                      


To contribute & support, please  visit our current fundraiser on facebook, In gratitude were are offering many blessed items for your kindness.

https://apps.facebook.com/fundrazr/campaigns/bu4h6

You can also visit the ‘donation’ page on the website or contact one of our foundation members:

Secretary: Sonam Tsering Kansakar

Cell: +977 9801021941 email:sonam@rantacarpets.com

Vice secretary : Palden Gurung (Lama Palden)

Cell: +977 9808062366 email: sedgyued@gmail.com