Segyu Gaden Phodrang Monastery

Past Events

International Lama Tsongkhapa Day

Announcement and Schedule in English and Tibetan

November 19th (Lunar 22nd) is the day of Lord Buddha Shakya Muni’s Decent from Heaven, and also the day of His Holiness Kyabje Zong Rinpoche’s (Jetsun Lobsang Thupten Gyaltsen Palsangpo) death anniversary. On this special occasion, we, Segyu Gaden Phodrang Monastery, are going to celebrate the International Year of Lama Tsongkhapa, commemorating the 600th year of the Parnirvana of Manjushree Lama Tsongkhapa. We will perform the ritual of Long Life Lama Tsongkhapa’s thousands of offerings. Therefore, if anyone would like to join, please know you are most welcome, but most importantly is for each of us to do our best to create merit, and pray to continue faithfully and sincerely in Lama Tsongkhapa’s doctrine, this precious, unsurpassed doctrine (yuganaddha) of the conjoined union of sutra and tantra in this, and all our future lives. With much love and affection, Your monastery Segyu

༄༅། །རྒྱལ་བསྟན་སྙིང་པོ་ལྟ་སྤྱོད་ཟུང་འབྲེལ་གྱིས།    །ཁ་བ་ཅན་གྱི་མུན་རུམ་གསལ་བྱེད་མཁན། །

 རིགས་གསུམ་གཅིག་བསྡུས་བློ་བཟང་མཚན་ཅན་བསྟན། །མཁའ་སྟོང་མཚམས་ལོའི་དུས་ཁྱད་ཅན་འདི་བསུ།། ཞེས་རང་ཅག་རྣམས་ཀྱི་བསྟན་པའི་བདག་པོ་ཡབ་རྗེ་རྒྱལ་བ་གཉིས་པ་རིགས་གསུམ་གཅིག་བསྡུས་གསུམ་ལྡན་དགེ་སློང་གི་རྣམ་པར་རོལ་བ་གང་གི་མཚན་ཙམ་གྱིས་ཀྱང་སྐྱེ་འགྲོ་རྣམ་གྲོལ་ལམ་ལ་བཀོད་ནུས་པ། འཇམ་མགོན་བླ་མ་ཤར་ཙོང་ཁ་པ་རྗེ་བློ་བཟང་གྲགས་པ་ དཔལ་བཟང་པོ་མཆོག་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་མཁའ་སྟོང་མཚམས་ཏེ་མི་ལོ་དྲུག་བརྒྱ་ཧྲིལ་པོ་འཁོར་བས་ རྗེ་བླ་མའི་བཀའ་དྲིན་རྗེས་དྲན་རྒྱལ་སྤྱི་ཙོང་ཁའི་དུས་ཆེན་ཞིག་མི་མཇེད་ཞིང་གི་མགོན་སྐྱབས་བླ་ན་མ་མཆིས་པ་རྐང་གཉིས་རྣམས་ཀྱི་ མཆོག་སྟོན་པ་ཤཱཀྱ་ཐུབ་པ་ལྷ་ལས་འབབ་པའི་དུས་ཆེན་དང་། སྙན་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་རྗེ་བཙུན་ བློ་བཟང་བརྩོན་འགྲུས་ཐུབ་བསྟན་རྒྱལ་མཚན་མཆོག་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་སོགས་དུས་ཆེན་ཁྱད་པར་ཅན་གྱི་ཉིན་ཏེ་ བོད་ཟླ་ ༩ པའི་༢༢ སྤྱི་ཟླ ༡༡ ཚེས་ ༡༩ ཉིན་བལ་ཡུལ་སྲད་རྒྱུད་དགའ་ལྡན་ཕོ་བྲང་ངམ་སྲད་རྒྱུད་གྲྭ་ཚང་དུ་མཆོད་འབུལ་ཟབ་རྒྱས་ སོགས་ཀྱིས་དུས་དྲན་སྲུང་རྩིས་ཀྱི་མཛད་རིམ་རེའུ་མིག་ཟུར་གསལ་བཞིན་ཞུ་རྒྱུ་ལགས་ན་ཐུགས་འདོད་ཡོད་རིགས་རྣམས་མཉམ་ ཞུགས་གནང་བར་དགའ་བསུ་ཞུ།། དེ་བཞིན་ཚང་མས་ཚེ་རབས་ཀུན་ཏུ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ལྟ་བུ་དང་མཇལ་བ་ སོགས་རང་རྒྱུད་ལ་བག་ཆགས་ཁྱད་པར་ཅན་འཇོག་ཆེད་མཆོད་འབུལ་སོགས་རྣམ་དཀར་དགེ་བའི་ལས་ལ་ཅིས་ཀྱང་འབད་པར་ཞུ།།

                                                                              སྲད་རྒྱུད་དགའ་ལྡན་ཕོ་བྲང་ནས་ཟླ་ཚེས་བཟང་པོར།།

The schedule for our International Lama Tsongkhapa’s day Pujas

  1. First session 5:30am: Lamai Naijor (Lama Chopa Guru Yoga) and reciting special Segyu Lamai Naijor Gaden Lhagyama and Lamrim Duedon (abbreviated Lamrim)
  2. Second session 9am: Lekshey Nyingpo (great treatise on two truths composed by Je Rinpoche) and Thousand Offerings of Long Life Tsongkhapa Puja
  3. 11:30am: Lunch break
  4. Third session 2pm: Conclusion of Thousand Offering Puja
  5. Forth session 3:30pm: Gyugyal Sangdu Tsagyu King Root Tantra of Guyhayasamaja and Losang Gyalwai Tendang Jyalwai Monlam (special prayers composed by Pabongkha Rinpoche to always meet teachings of Conquer Losang, followed by dinner
  6. 6pm: Hundreds of thousands light offerings with butter lamp offerings and Chanting of Migstema with kora (circumambulation) on Temple grounds

རྒྱལ་སྤྱིའི་ཙོང་ཁའི་ཉིན་གྱི་མཛད་རིམ་ཤམ་གསལ།

1  ཚོགས་ཐེང་དང་པོ། སྔ་དྲོ་ཕྱག་ཚོད་༥:༣༠ ཐུན་དྲུག་བླ་མའི་རྣལ་འབྱོར་དང་།  སྲད་རྒྱུད་ཐུན་མོང་མ་ཡིན་ པའི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་གསོལ་འདེབས་རྒྱལ་པོ་དམིགས་བརྩེ་མ་གྲངས་ གསོག་དང་།   ལམ་རིམ་བསྡུས་དོན་མ་བཅས་གསུང་གནང་རྒྱུ།

2    ཚོགས་ཐེང་གཉིས་པ་ཕྱག་ཚོད་༩: ཙམ་ནས་རྗེའི་གསུངས་ལེགས་བཤད་སྙིང་པོ་ཆུང་བའམ་རྟེན་འབྲེལ་ བསྟོད་པ་དང་།   མཆོད་འབུལ་དངོས་གཞི་རྗེ་ཚེ་འཛིན་མ་དང་འབྲེལ་བའི་སྟོང་མཆོད་ཟབ་འབུལ་ཞུ་རྒྱུ།

3    ཕྱག་ཚོད་༡༡:༣༠ ལ་ཉིན་དགུང་བཞེས་ལག་ཟབ་འབུལ་ཞུ་རྒྱུ།

4    ཚོགས་ཐེང་གསུམ་པ། ཕྱག་ཚོད་ ༢ ཐོག་སྟོང་མཆོད་མཇུག་བསྡུ་གནང་རྒྱུ།

5    ཚོགས་ཐེང་བཞི་པ། ཕྱག་ཚོད་༣:༣༠ ཙམ་ནས་རྒྱུད་རྒྱལ་གསང་འདུས་རྩ་རྒྱུད་དང་།   བློ་བཟང་རྒྱལ་ བའི་བསྟན་དང་མཇལ་བའི་སྨོན་ལམ། བློ་བཟང་རྒྱལ་བསྟན་མ་བཅས་གསུང་ནས་ དགོང་མོའི་གསོལ་སྟོན་གནང་རྒྱུ།

6 དགོང་དྲོ་ཕྱག་ཚོད་༦ ཐོག་སྟོང་མཆོད་གླིང་མེ་དང་གློག་མཆོད་འབུམ་ཚར་ཕུལ་ཐོག་མར་མེ་སྨོན་ལམ་ གསུང་རྗེས་གསོལ་འདེབས་རྒྱལ་པོ་དམིགས་བརྩེ་མ་སྙན་བརྒྱུད་དབྱངས་སུ་ལེན་ཐོག་གླིང་སྐོར་གནང་རྒྱུ།།

We welcome all visitors and guests to come and learn more about this precious gem of a monastery.

Segyu Gaden Phodrang Monastery

2022 © All rights reserved
Segyu Gaden Phodrang Monastery